ཀྲུང་བོད་ལུགས་གསོ་རིག་གིས་གྲུབ་འབྲས་གསར་པ་བླངས།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ཀྱིས་འཆར་འགོད་དམ་འཛིན་བྱེད་པར་དོ་སྣང་བྱས། བསྒྱུར་བཅོས་དམ་འཛིན་དང་། མཐུན་སྦྱོར་དམ་འཛིན། ལག་བསྟར་དོན་འཁྱོལ་གྱིས་ཀྲུང་བོད་ལུགས་གསོ་རིག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་དང་བདེ་སྲུང་། སློབ་གསོ། ཚན་རིག་ཞིབ་འཇུག རིག་གནས་བཅས་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན།
ཀྲུང་བོད་ལུགས་གསོ་རིག་ཞབས་ཞུའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། རྣམ་གྲངས་ལས་གཞིའི་འདེགས་སྐྱོར་ལ་བརྟེན་ནས་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུའི་ནུས་པ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་བསྣན་ཏེ། བོད་ལུགས་དང་( སོག་ལུགས)གསོ་རིག་སྨན་ཁང24 རྒྱ་བསྐྱེད་བཏང་། གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང437 འཛུགས་སྐྲུན་བྱས། ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གིས་ནད་བཅོས་བྱས་ཚད་དང་སྨན་ཁང་ནས་ཕྱིར་བུད་ཐེངས་མི་གྲངས་ཁྲི202.95དང། ཁྲི16.21 ལ་སླེབས་པས། 2012ལོ་དང་བསྡུར་ན25.14%དང་།64.57%འཕར།
ཀྲུང་བོད་ལུགས་གསོ་རིག་སྔོན་འགོག་བདེ་སྲུང་བྱ་བར་ཐབས་ལམ་གསར་པ་རྒྱ་སྐྱེད་བྱས་པ། རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་གྱིས་ཀྲུང་བོད་ལུགས་གསོ་རིག་སྔོན་འགོག་བདེ་སྲུང་ཞབས་ཞུར་སྐུལ་འདེད་བྱས་ཏེ། ཕྱོགས་བསྡུས་སྨན་ཁང45 དང་མ་བུ་ལུས་ཁམས་བདེ་སྲུང་ཁང18 ལ་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་སྤེལ་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་། ལག་རྩལ་འོས་ཤིང་འཚམ་པ། སྣ་མང་ཅན་གྱི་རྣམ་པ། ཞབས་ཞུ་ཚད་ལྡན་གྱི་ཀྲུང་བོད་ལུགས་གསོ་རིག་བདེ་ཐང་ཞབས་ཞུའི་མ་ལག་གྲུབ་ཡོད།
ཀྲུང་བོད་ལུགས་གསོ་རིག་ཤེས་ལྡན་པའི་དཔུང་ཁག་གིས་རྣམ་པ་གསར་པ་མངོན་པ། ཤེས་ལྡན་མི་སྣའི་གཟེངས་བསྟོད་སྐུལ་སློང་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། “མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་སོག་ལུགས་གསོ་རིག་”གི་སྨན་པ20བདམས་ཐོན་བྱུང་། རྒན་ཉི་མ་ལགས་ལ་“ རྒྱལ་ཁབ་ཀྱི་གསོ་རིག་སློབ་དཔོན་ཆེན་མོའི་” མཚན་སྙན་ཐོབ་པ་དང་། ལུའུ་ཁྲང་ཆིན་། ཝང་ཁྲང་ཆིས། སངས་རྒྱས་བཅས་ལ་“རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཆེན་”གྱི་མཚན་སྙན་ཐོབ། རྡོ་རྗེ་ལགས་སྐབས་བརྒྱད་པའི་ རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་ཅན་གྱི་ན་གཞོན་ཆེད་མཁས་པར་བདམས། 2018ལོའི་བོད་ལུགས་སོག་ལུགས་གསོ་རིག་ལས་གཉེར(ལས་རོགས) སྨན་པ་དཀའ་བཅུ་པའི་ཐོ་འགོད་མི་གྲངས6885ཡོད་ལ། 2012ལོ་དང་བསྡུར་ན42.1%གྱིས་འཕར་ཡོད་པས། ཤེས་ལྡན་མི་སྣས་བྱ་གཞག་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ནུས་པ་སྔར་ལས་འབུར་དུ་ཐོན་ཡོད་།
ཀྲུང་བོད་ལུགས་གསོ་རིག་ཚན་རྩལ་གསར་གཏོད་ལ་སྔར་མེད་ཀྱི་འཕེལ་རྒྱས་གསར་པ་བླངས་བ། 《བོད་ལུགས་གསོ་རིག་ནད་བརྟག་སྨན་བཅོས་གྲུབ་འབྲས་ཚད་གཞི》སོགས་ཀྲུང་བོད་ལུགས་གསོ་རིག་ལས་རིགས་ཀྱི་ལག་རྩལ་ཚད་གཞི་གཏན་འབེབས་ལག་བསྟར་བྱས། རྒྱལ་ཁབ་ཀྱི་གཙོ་གནད་འགག་སྒྲོལ་ཞིབ་འཇུག་བྱ་གཞག་འགན་ལེན། རང་བྱུང་ཚན་རིག་ཐེབས་རྩ་སོགས་ཚན་རིག་ཞིབ་འཇུག་གི་ལས་གཞིའི་རྣམ་གྲངས་དོན་ཚན83དང་། ལས་གཞིའི་རྣམ་གྲངས60ལྷག་ལ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བླངས་ཤིང་། ལས་གཞིའི་རྣམ་གྲངས15ལ་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ། བོད་ལུགས་གསོ་རིག་སྨན་གཞུང་གི་དཔེ་རྙིང་སྣ2000ལྷག་མྱུར་སྐྱོབ་དང་འཚོལ་བསྡུ་བྱས་ཏེ1700 ལྷག་ཙམ་ལེགས་སྒྲིག་དཔེ་སྐྲུན་བྱསཔ་དང་། རྩོམ་སྒྲིག་པར་སྐྲུན་བྱས་པའི《 བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ》ཞེས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།
ཀྲུང་བོད་ལུགས་གསོ་རིག་རིག་གནས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་མངོན་པ། ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་རིམ་པ་ཁག་གིས་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལ་དོ་སྣང་བྱས་ཏེ། རྒྱུན་ཆད་མེད་པར་ཀྲུང་བོད་ལུགས་གསོ་རིག་རིག་གནས་ཁྱབ་སྤེལ་དང་ཡོངས་ཁྱབ་སློབ་གསོར་ཤུགས་སྣོན་བྱས། མཚོ་སྔོན་བོད་ལུགས་གསོ་རིག་རིག་གནས་རྟེན་རྫས་ཁང་དུ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་དྲིལ་བསྒྲགས་ཀྱི་སློབ་གསོའི་རྟེན་གཞི་བཙུགས། བོད་ལུགས་གསོ་རིག་གི་གཏར་བཅོས་སོགས་རྣམ་གྲངས4རྒྱལ་ཁབ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་བཞག རྣམ་གྲངས20ལྷག་གི་ཁྲོད་ཀྲུང་བོད་ལུགས་གསོ་རིག་ལས་གཞིའི་རྣམ་གྲངས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་བཞག
ཀྲུང་ལུགས་གསོ་རིག་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་ཕྱི་ཕྱོགས་སུ་སྤེལ་བའི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱས་ཏེ། སྔ་རྗེས་སུ་ཉི་ཧོང་དང་། ཨ་རིར་བོད་ལུགས་གསོ་རིག་ལྟེ་གནས་དང་བོད་ལུགས་གསོ་རིག་བདེ་ཐང་རིག་གནས་ལྟེ་གནས་སོགས་རྒྱལ་སྤྱིའི་བོད་ལུགས་གསོ་རིག་མཉམ་འབྲེལ་རྩ་འཛུགས་བཙུགས། ཅཱ་ཀྲིག་སློབ་གྲྭ་ཆེན་མོ་དང་། ཧྥོ་ཅི་ནི་ཡཱ་སློབ་གྲྭ་ཆེན་མོ་སོགས་རྒྱལ་སྤྱིའི་སློབ་གྲྭ་རུ་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་པ་མ་ཟད། ཕན་ཚུན་ལ་ཕྱི་འགྲིམ་སློབ་མ་མངགས་རྒྱུ་བྱས། རྩོམ་སྒྲིག་དང་པར་སྐྲུན་བྱས་པའི་《བོད་ལུགས་གསོ་རིག་ཡིག་ཚགས་གྲགས་ཆེན་གསུང་འབུམ་དཔེ་ཚོགས》དང་། 《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ》རྒྱལ་སྤྱིའི་དཔེ་མཛོད་ཁང་དང་མཐོ་རིམ་སློབ་གྲྭ་ཆེན་མོ་མང་པོ་ཞིག་གིས་ཉར་ཚགས་དང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། །