སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་སྤྱོད་འགོ་བརྩམས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། | ཀློག་གྲངས།
ཟླ6པའི་ཚེས15ཉིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་སོགས་ཞིང་ཆེན་གྱི་སྨན་ཁང10དང་སྨན་ཚོང་ཁང1000ནས་སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་ཚོད་ལྟའི་བཀོལ་སྤྱོད་བྱས་ཏེ། རྒྱལ་ཡོངས་ནས་བཀོལ་སྤྱོད་བྱེད་སྔ་བའི་ཞིང་ཆེན་དུ་གྱུར།
དེ་ཡང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཡོད་མཁན་ཚོས“青海医保”Appམ་ལག་ཁ་པར་ལས་ནང་འཇུག་བྱས་ན་སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་བྱ་ཐུབ། སྨན་རིན་སྟེར་སྐབས་ཚོད་ལྟ་བྱེད་སའི་སྨན་ཁང་དང་སྨན་ཚོང་ཁང་དུ་སྨན་བཅོས་འགན་སྲུང་གློག་རྡུལ་འཛིན་ཡིག་གི་རྩ་གཉིས་ཨང་བཤེར་སྤྱད་ནས་སྨན་རིན་སྤྲོད་ཐུབ། གཞན་བོད་རིགས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་བོད་ཡིག་པར་མའི་གློག་རྡུལ་འཛིན་ཡིག་ཀྱང་བཟོས་ཡོད་པས་བོད་པ་ཚོས“རྩ་གཉིས་ཨང་བཤེར་ནས་སྨན་བཅོས་བྱེད་པར”སྟབས་བདེ་བསྐྲུན་ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན། རང་ཞིང་གི་སྨན་བཅོས་འགན་སྲུང་གི་སྤྱི་གཞུང་ཞབས་ཞུའི་ནུས་པ་སྔར་ལས་ཇེ་མཐོར་ཕྱིན་པ་དང་བསྟུན། སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་དེ་མི་སྒེར་གྱི་སྨན་བཅོས་འགན་སྲུང་དངུལ་སྤྲོད་པ་དང་སྨན་བཅོས་འགན་སྲུང་གནས་སྤོ་བ། ཞིང་ཆེན་བརྒལ་ནས་སྨན་རིན་སྤྲོད་པ་ལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་ཁྲོད་བཀོལ་སྤྱོད་ཆེན་པོ་བྱ་རྒྱུ་རེད།