མཚོ་སྔོན་སློབ་ཆེན་གྱི་མི་རིགས་གསོ་རིག་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་སྒོ་བྱང་བཀལ་བ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
མཚོ་སྔོན་སློབ་ཆེན་གྱི་མི་རིགས་གསོ་རིག་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་སྒོ་བྱང་བཀལ་བ་རེད། དངོས་མང་བཤམས་སྟོན་ཁང་གིས་སྲོལ་རྒྱུན་གསོ་རིག་བརྒྱུད་འཛིན་འཕེལ་རྒྱས་ལ་དམིགས་ནས། བོད་རིགས་དང་སོག་རིགས། ཡུ་གུར་རིགས། ཏའེ་རིགས་སོགས་ཀྱི་མི་རིགས་གསོ་རིག་གཞུང་ལུགས་དང་ལག་ལེན་གྱི་ཉིང་བཅུད་དང་ཀྲོང་རིགས་གསོ་རིག་དང་མིའོ་རིགས་གསོ་རིག དབྱིས་རིགས་གསོ་རིག ཏུང་རིགས་གསོ་རིག ཁྲའོ་ཞན་རིགས་གསོ་རིགས་སོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་གནས་ཚུལ་རག་བསྡུས་ངོ་སྤྲོད་བྱས་ཡོད།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་འགན་ཁུར་བས་དངོས་མང་བཤམས་སྟོན་ཁང་འདིས་བོད་ལུགས་གསོ་རིག་དང་སྲོལ་རྒྱུན་གསོ་རིག་གཞན་པ་དང་བརྗེ་རེས་མཉམ་འདྲེས་བཅས་བྱེད་པ་བརྗོད་དོན་གཙོ་བོར་བཟུང་ནས། བོད་ལུགས་གསོ་རིག་སློབ་གསོའི་ལས་ཁུངས་དང་རྒྱལ་རབས་རིམ་བྱུང་གི་གསོ་རིག་མཁས་ཅན། གནའ་བོའི་ཡིག་ཚང་། ཕྱི་ནད་ཚན་ཁག་གི་འཕྲུལ་ཆས། སྨན་ཐང་། རྩ་སྨན། འདུལ་ཐབས། ཁམས་གསོ་སོགས་ཀྱི་ནང་དོན་དུ་དབྱེ་ནས་ཇུས་འགོད་བྱས་པའི་འགྲེམས་བྱང85དང་། ཞིབ་འཇུག་གསར་གཏོད་བྱས་པའི་བརྙན་རིས་མ་ལག3། སྨན་ཐང80། ཞིབ་འཇུག་གསར་བཟོ་བྱས་པའི་ཡུལ་ལྗོངས་རྣམ་པ5། བོད་ལུགས་གསོ་རིག་གི་ཕྱི་ནད་བརྟག་བཅོས་ལག་ཆ་སོགས་ཀྱི་རིག་དངོས231ལྷག་ངོ་སྤྲོད་གནང་ཡོད། དེའི་ནང་བོད་ལུགས་གསོ་རིག“རྒྱལ་ཁབ་རིམ་པའི་གསོ་རིག་མཁས་ཅན”ཉི་མ་སོགས་ཀྱིས་ཞལ་འདེབས་ཕུལ་བའི་འགྲེམས་སྟོན་དངོས་པོ་ཡོད་པ་རེད། །