0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་མོ《དཔལ་ལྡན་རྒྱུད་བཞི》མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་དྲན་ཤེས་མིང་ཐོར་ཚུད་པ།

ཡོང་ཁུངས།   མཚོ་སྔོན་བོད་ཡིག་གསར་འགྱུར།   |   ཀློག་གྲངས།    

     ཉེ་ཆར། ཧྥ་རན་སིའི་ཕེ་རིས་སུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་རྩ་འཛུགས་ཀྱི་ཐེངས216པའི་ལག་བསྟར་ཅུས་ཀྱི་གྲོས་ཚོགས་ཐོག《འཛམ་གླིང་དྲན་ཤེས(རྒྱལ་སྤྱི)མིང་ཐོ》རུ་གསར་དུ་བདམས་པའི་ལས་གཞིའི་མིང་ཐོའི་ཁྲོད་དུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རང་རྒྱལ་གྱི་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་རྩ་འཛུགས་བྱས་ནས་སྙན་ཞུ་ཕུལ་བའི《དཔལ་ལྡན་རྒྱུད་བཞི》དང《ཨའོ་མོན་ཀུན་བདེ་གླིང་གི་ཡིག་ཚགས་དང་བྲིས་མ(1645-1980)》དཔེ་རྙིང་ཡིག་ཚགས་གཉིས་ཐེངས་འདིའི་འཛམ་གླིང་དྲན་ཤེས་མིང་ཐོར་ཚུད།
 

《དཔལ་ལྡན་རྒྱུད་བཞི》ཡི་པར་མ་རིགས་ལྔ་ད་ལྟ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་གཅེས་ཉར་བྱས་ཡོད་པ་དང་། དེ་དག་ནི་དུས་རབས8པ་ནས12པའི་བར་གྱི་ཡིག་ཚང་ཡིན་ཞིང་། བོད་ཀྱི་གསོ་བ་རིག་པའི་ཆེས་ལེགས་ཤིང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་རྨང་གཞིའི་བསྟན་བཅོས་ཤིག་ཡིན། ཡིག་ཚང་དེས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་མཚོན་ཡོད་པར་མ་ཟད། མདོ་དབུས་མཐོ་སྒང་དང་། ཧི་མ་ལ་ཡ། སོག་པོའི་ས་ཁུལ་དུ་བོད་ཀྱི་གསོ་བ་རིག་པའི་བརྒྱུད་བསྒྲགས་འཕེལ་རྒྱས་ཐད་གཞན་དྲིང་མི་འཇོག་པའི་ནུས་པ་ཐོན་ཡོད། དེ་ཡིས་སྐབས་དེའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་ཆུ་ཚད་མཚོན་ཡོད་པར་མ་ཟད། དེ་ནི་བོད་ཀྱི་གནའ་རབས་མི་ཆོས་ལོ་རྒྱུས་དང་རིག་གནས་སྤེལ་རེས། མཚན་ཉིད་བསམ་བློ། སྲོལ་རྒྱུན་ལག་རྩལ་གྱི་གཅིག་སྡུད་འདུས་གྲུབ་ཅིག་ཡིན།

ད་ཐེངས1546ལོའི་གྲྭ་ཐང་ཤིང་པར་མ་དང་། 1640ལོའི་རྟག་བརྟན་ཤིང་པར་མ། 1662ལོའི་དགའ་ལྡན་ཕུན་ཚོགས་གླིང་ཤིང་པར་མ། 1892ལོའི་ལྕགས་པོ་རིའི་ཤིང་པར་མ། 1942ལོའི་གསེར་བྲིས་མ་བཅས་དུས་རབས་མི་འདྲ་བའི་དཔེ་བསྡུར་དང་བཀས་བཅད་པར་མ་བཅས་སྙན་ཞུ་བྱས། 《གསོ་རིག་རྒྱུད་བཞི》ནི2018ལོར《འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མིང་ཐོར》དུ་ཚུད་ཡོད་པ་རེད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།