མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་བྱ་བའི་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིན་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡུས་བེན་མེན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།
ཝང་ཅན་ཅོན་གྱིས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་གི་ལས་བཟོ་བར་འཚམ་འདྲི་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་ཀྲུང་བོད་གསོ་རིག་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་དང་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་རྩ་གནད་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ལུགས་གསོ་རིག་གི་རྨང་གཞིའི་སྟེང་བོད་ལུགས་གསོ་རིག་གི་ཁྱད་ཆོས་སྔོག་འདོན་དང་། སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཀྲུང་བོད་གསོ་རིག་ལ་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་ལྟ་སྟངས་འཛིན་པ་དང་། སྐྱེ་ཁམས་ཀྱི་འདུ་ཤེས་བཟུང་ནས་སྐྱེད་སྲིང་དང་། དགོས་མཁོར་དམིགས་ནས་སྣེ་ཁྲིད་བྱེད་པ། དྲ་སྦྲེལ་བསམ་ཕྱོགས་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ། སྤུས་རྟགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། བདེ་ཐང་གི་མཚོ་སྔོན་དང་བདེ་ཐང་གི་ཀྲུང་གོར་བྱས་རྗེས་འཇོག་
དགོས།
ཡུས་བེན་མེན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཀྲུང་བོད་གསོ་རིག་འཕེལ་རྒྱས་སྐུལ་འདེད་ཐད་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་ཀ་གང་མང་སྒྲུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྤེལ་བའི་ཀྲུང་ལུགས་གསོ་རིག་གི་འབྲེལ་ཡོད་གཏམ་བཤད་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་ཀྲུང་ལུགས་གསོ་རིག་གི་རྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་འགན་འཁྲིའི་བསམ་བློ་ལ་སྐུལ་འདེད་གཏོང་དགོས། རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་ནས་འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་འཕེལ་རྒྱས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས། སྨན་བཅོས་བཅོས་བསྒྱུར་བྱ་བ་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས་ཏེ་རང་འགུལ་གྱིས་འགན་འཁྲི་འཁུར་བ་དང་།ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གསོ་རིག་དང་སློབ་གསོ་ཕན་ཚུན་གཞོགས་འདེགས་དང་། ནད་ཐོག་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་ནས་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་ཇེ་ཆེར་གཏོང་དགོས། །