0971-8201019
མ་ཤོག > གསར་འགྱུར། > སྨན་དོན་སྲིད་ཇུས། >

 

 

༄༅།།ཐུམ་འབུའི་ནད་པའི་སྨན་བཅོས་ཀྱི་གཟིགས་སྐྱོང་སྲིད་ཇུས།

ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   |   ཀློག་གྲངས།    

 གཅིག རིན་མེད་ངངBའཕྲོ་བརྟག་དཔྱད་བྱེད་པ།
      ས་གནས་ཁག་གི་རིམས་ནད་སྔོན་འགོག་ལྟེ་གནས་གཙོ་བྱས་ཏེ་ཞང་རིམ་པའི་འཕྲོད་བསྟེན་ཁང་དུ་འབྲོག་པ་མང་ཚོགས་ལ་རིན་མེད་ངངBའཕྲོ་བརྟག་དཔྱད་བྱེད་པ་ཡིན།
      གཉིས། གསོ་བཅོས་སྨན་རྫས་རིན་མེད་ངང་སྟེར་བ།
      སྨན་རྫས་སྤྱད་ནས་གསོ་བཅོས་བྱས་ཆོག་པའི་ཐུམ་འབུའི་ནད་པ་ཚང་མར། རིན་མེད་ངང་སྨན་རྫས་ཨ་པིན་ཏ་ཚའོ་(阿苯达唑片剂)སོགས་སྤྲོད་པ་ཡིན། སྨན་རྫས་སྤྱད་ནས་གསོ་བཅོས་བྱེད་བཞིན་པའི་ནད་པ་ཡིན་ན། ཟླ་བ་དྲུག་གི་ནང་ལ། བརྙན་རིས་རིག་པ་ནས་ལྟ་ཞིབ་ཐེངས་རེ་བྱས་ཏེ་གསོ་བཅོས་ཕན་འབྲས་ལ་དཔྱད་འཇོག་བྱེད་པ་ཡིན། ད་དུང་སྨན་རྫས་སྤྱད་ནས་གསོ་བཅོས་བྱེད་དགོས་པའི་ནད་པའི་རིགས་ལ། མུ་མཐུད་ནས་འབྲེལ་ཡོད་སྨན་རྫས་སོགས་རིན་མེད་ངང་སྤྲོད་པ་ཡིན། ནད་པས་ནད་ཡོད་དཔང་ཡིག་དང་བརྟག་དཔྱག་ཡི་གེ(Bའཕྲོ་དངCTསོགས) ཐོབ་ཐང་ལག་ཁྱེར་བཟུང་ནས་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་སུ་ཕྱིན་ཏེ་འབྲེལ་ཡོད་སྨན་རྫས་ལེན་པའི་འགྲོ་ལུགས་སྒྲུབ་ཆོག
      གསུམ། གཤགས་བཅོས་བྱས་པའི་ནད་པར་སྨན་རིན་ཁ་གསབ་བྱེད་པ།
      རྒྱལ་ཁབ་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལས་གཞིའི་གཏན་འབེབས་ལ་གཞིགས་ནས། གཤགས་བཅོས་བྱས་པའི་ནད་པར་རིམ་ཁག་སྨན་བཅོས་ལམ་ལུགས་ལྟར་སྔོན་ལ་སྨན་བཅོས་འགན་སྲུང་དང་ནད་ལྕི་མོའི་འགན་སྲུང་བྱེད་པ་སོགས་ནས་རྩིས་བརྒྱབ་རྗེས། སྨན་རིན་ལ་ཁ་གསབ་བྱེད་པ་ཡིན། ཐུམ་གཟུགས་ཐུམ་འབུའི་ནད(囊型包虫病)ཡིན་ན། ཁ་གསབ་སྒོར8000བྱེད་པ་དང་། ལྦུ་གཟུགས་ཐུམ་འབུའི་ནད(泡型包虫病)ཡིན་ན། ཁ་གསབ་སྒོར11000བྱེད་པ་ཡིན།
      བཞི། ནད་པའི་མཆིན་མཁལ་བྱེད་ནུས་ལ་བརྟག་དཔྱད་དང་ཞོར་སྐྱོན་ལ་གསོ་བཅོས་བྱེད་པ།
      ལས་གཞི་རྫོང་ཁག་གིས་ཇུས་གཞི་འདིའི་བླང་བྱ་ལྟར། རིམས་འགོག་ལྟེ་གནས་དང་སྨན་བཅོས་སྡེ་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ཏེ་ཐུམ་འབུའི་ནད་པའི་མཆིན་པ་དང་མཁལ་མའི་བྱེད་ནུས་ལ་བརྟག་དཔྱད་དང་དེ་འབྲེལ་གྱི་ཞོར་སྐྱོན་བྱུང་བ་ལ་འཕྲལ་མར་གསོ་བཅོས་བྱེད་པ་ཡིན།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།