འབྲུམ་པ་ཅན་གྱི་ནད་ཅེས་པ་ནི་ཆགས་སྤྱོད་ལས་འགོས་ཁྱབ་བྱུང་བར་ཕོ་མོའི་མཚན་མ་དང་། གཞང་ཁ་སོགས་སུ་འབྲུམ་པ་མང་པོ་ཡུངས་དཀར་འདྲ་ཁྱབ་པའི་ནད་ཅིག
རྒྱུ་རྐྱེན།
རྒྱུ་རྐྱེན་གཅིག་མཐུན་དུ་ཆགས་པ་སྤྱད་དྲགས་པ་དང་། གྲ་མས་རེག་པ་སྟེ་གྲ་མ་ཟུག་པ་དང་གྲ་མས་འདྲུད་བརྡར་ཤོར་བ། དུ་ནག་བསྟེན་པ། འཁྲིག་པ་ལོག་པར་སྤྱད་དྲགས་པ་ལས་བྱུང་བ།
ནད་རྟགས།
མཚན་མ་དང་གཞང་ཁར་འབྲུམ་པ་ཡུངས་དཀར་འདྲ་བས་ཁྱབ་པ། མཚན་མ་གཡའ་ཤིང་སྐྲངས་ལ་ལྕི་སྣང་འཆར་བ།
འཕར་རྩའི་རྒྱུ་བ་ཕྲ་ལ་མགྱོགས་པ།
དྲི་ཆུ་དམར་སེར་ཀུ་ཡ་སྲབ་པ།
ལྕེ་མདོག་དམར་སེར་ཡིན་པ།
གཞོགས་འདེགས་བརྟག་དཔྱད།
འབྲུམ་པ་ཅན་གྱི་ནད་འདི་སྤྱིར་བཏང་དུ་ངོས་འཛིན་བྱེད་སླ་བར་ནད་རྟགས་མངོན་གསལ་མིན་ཚེ་ཕྲ་དུང་རིག་པའི་བརྟག་དཔྱད་དང་། ཕུང་གྲུབ་རིག་པའི་བརྟག་དཔྱད་སོགས་བྱས་ཆོག
འཁྲུལ་སོ་བསལ་བ།
སོས་ཟིན་ནི་ཕོ་མཚན་རྟག་ཏུ་འགྲེང་བར་སྡོད་པ་དང་ཕྱི་པགས་གས་པ། མདོག་དམར་པོར་གྱུར་ནས་སྐྲངས་ལ་ཚ་བ་སྐྱེས་པ། འབྲུམ་པ་ནག་པོ་ཁྲག་ཅན་དོན་ནས་འཛག་པ། ཟ་འཕྲུག་ལངས་ཤིང་རླིག་པ་སྐྲངས་ལ་རྣག་ཏུ་སྨིན་པར་དཀའ་བ།
མདུད་པ་ཅན། ཕོ་མཚན་གྱི་པགས་པ་ཕྱིར་ལོག་ཅིང་མདུད་པ་ལྟར་སྐྲངས་ལ་ཤུ་བ་འབྱུང་བ།
གྲ་མ་ཅན། ཕོ་མཚན་གྱི་ནང་གྲ་མས་གང་སྙམ་དུ་སེམས་སྟེ་རྩུབ་ཧྲལ་བྱེད་པ།
གསོ་ཐབས།
གསོ་ཚུལ།
བཅོས་ཐབས།
ཟས། གསར་བཅུད་འཇུ་སླའི་བསྟེན་ནས་ཚ་སྐྱུར་རིགས་སྤངས་དགོས།
སྤྱོད་ལམ། རྩོལ་བ་བཅག་ནས་འོག་གོས་རྟག་ཏུ་གཙང་མར་བཀྲུ་བ།
སྨན། ཁོང་སྨན་དུ་ཐང་ཆེན་ཉེར་ལྔ་དང་སྤང་རྩི་བཅུ་གཉིས། ཁྱུང་ཆེན་བཅུ་བདུན། སྐྱེར་ཤུན་བརྒྱད་པ། ཁྱུང་ལྔ། པད་རག་མདོག་ལྡན། བྲེ་ག་བཅུ་གསུམ་དང་ཁྱུང་ལྔ་ཚད་ལྡན་གྱི་སྟེང་དུ་རླུང་ལ་ཛ་ཏི་དང་། མཁྲིས་པར་ཏིག་ཏ། བད་ཀན་ལ་སུག་སྨེལ། ཆུ་སེར་ལ་ཆུ་སེར་སྨན་གསུམ་བསྣན་པ་དང་། སྦང་མ་དང་བདུད་རྩིའི་ལོ་མའི་སྦྱོར་བ་བསྟེན་ཚུལ་རླུང་ལ་མར་དང་། ཁྲག་མཁྲིས་ལ་དྲི་ཆུ། བད་ཀན་ལ་སྦྲང་དང་སྦྱར་ཏེ་བྱུགས།
དཔྱད། རྨ་གསར་ཆུང་དུས་མེ་བཏཱའ་ཕྲ་མོས་བསྲེགས་ན་ཕན། ནི་རུ་ཧ་རྣོན་པོས་དྲངས་ཤིང་ཕོ་མཚན་གྱི་འགྲམ་རྩ་གཏར་བ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གསལ་གྱི་རྟགས་འགའ་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
མཚན་མ་དང་གཞང་ཁར་འབྲུམ་པ་ཡུངས་དཀར་འདྲ་བས་ཁྱབ་པ། རྒྱུན་པར་མཚན་མ་གཡའ་ཤིང་སྐྲངས་བ་སོགས་ཀྱི་ནད་རྟགས་ཕལ་ཆེར་ཞི་བ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བའམ་ཁྱད་པར་དུ་གྲང་ཤུམ་ཆད་པ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།