0971-8201019
མ་ཤོག > སྨན་སྦྱོར། > ཕྱེ་མའི་སྦྱོར་བ། >

 

 

༄༅།། རྐང་འབམ་སྨན་གྱི་སྡེ་ཚན།

ཡོང་ཁུངས།      |   ཀློག་གྲངས།    

གསེར་ཐང་བཅོ་བརྒྱད། ཅུང་བསིལ། བཟི་མེད།

ཕན་ནུས། འབམ་རིགས་སྟོད་དུ་འཚངས་ནས་སྟོད་གཟེར་བ་དང་། སྟོད་ན་བ། དབུགས་གཏོང་དཀའ་བ། ཁ་ལྕེ་སྐམ་པ། འབམ་སྨད་དུ་འབེབས་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ།

 

འབམ་གླང་ཆེན་བཅོ་བརྒྱད། ཅུང་བསིལ། བཟི་མེད།

ཕན་ནུས། སྨུག་པོའི་ནད་དང་། འབམ་སྨད་དུ་འབེབས་པར་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ཐེངས་རེར་ཤོག་ཆག་གཅིག

 

གསང་སྨན། བསིལ་ཆེ། བཟི་མེད།

ཕན་ནུས། འབམ་དཀར་ནག་ཁྲ་གསུམ་ཀུན་ལ་ཕན། ནུས་པ་བསིལ་ཆེ་བས་སྐབས་འགར་ཕོ་བའི་མེ་དྲོད་གསོ་བྱེད་ཀྱི་སྨན་གཏོང་དགོས།

གཏོང་ཐབས། གསང་སྨན་ཤོག་ཆག་གཅིག་བོད་ལབ་ཀྱི་ཁུ་བ་དྭངས་མའི་ནང་བླུགས་ཏེ་འབྲུ་སོགས་ཀྱི་ནང་དུ་བསྙལ་རྗེས་ཐོ་རེངས་གཏོང་རྒྱུ།

 

ཀླུ་བདུད་བཅོ་བརྒྱད། ཅུང་བསིལ། བཟི་ཆེ།

ཕན་ནུས། མཛེ་དང་། ལྤགས་ནད། གཉན་སྲིན། ཆུ་སེར། དྲེག་གྲུམ། ཁྱད་པར་འབམ་དང་གྲུམ་བུའི་ནད་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི།

 

འབར་ཆེན། བསིལ་དྲོད་སྙོམས། དུག་ཤས་ཆེ།

ཕན་ནུས། དྲེག་གྲུམ་དང་ཆུ་སེར་གྱིས་རྐང་ལག་སྐྲངས་པ་དང་། བརྡབས་ཆག་གི་སྐྲངས་པོའི་རིགས་ཁྱད་པར་དུ་རྐང་འབམ་གྱི་ནད་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག འབར་ཆེན་སྲང༣གྲོ་ཞིབ་སྲང༢བུལ་ཏོག་སྲང་༡མཉམ་དུ་བསྐོལ་རྗེས་དྲོད་འཇམ་དུ་བྱུག་རྒྱུ།

 

བྱུགས་སྨན་བ་སྔོན། བསིལ། དུག་ཤས་ཆེ།

ཕན་ནུས། དྲེག་གྲུམ་གྱི་ནད་དང་། རྐང་འབམ་གྱི་ནད། ཤུ་ཐོར་གྱི་ནད། ཆུ་སེར་དང་མཉན་ནད་ཀྱི་

སྐྲངས་སྦོས་ལ་ཕན།

གཏོང་ཐབས། བྱུགས་སྨན་བ་སྔོན་ནང་ལ་ཕུག་གི་ཁུ་བ་བླུགས་ནས་བྱུག་རྒྱུ།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།